首页 新闻中心 政务公开 政务服务 政民互动 走进林周
当前位置: 首页 / 政务公开 / 基础信息公开 / 通告公示

关于开展林周县“十四五”规划编制建言献策活动的公告

发布时间:2020-12-23 10:14
来源:林周县宣传部
访问量:
【打印文本】
分享到:

“十四五”时期(2021—2025年)是林周县贯彻新时代党的治藏方略、落实中央第七次西藏工作座谈会精神,在新的起点上推动长治久安和高质量发展的重要发展期;是巩固全面建成小康社会成果、迈向现代化建设新征程的关键期;是实现经济社会跨越式发展的机遇期。五年规划编制涉及经济和社会发展方方面面,同人民群众生产生活息息相关。为充分听取广大公众意见和建议,进一步凝聚共识、汇聚民智、体现民意,特开展此次“十四五”规划编制建言献策活动。诚挚邀请社会各界人士和关心关注林周县经济社会发展的有识之士,为林周县编制好“十四五”规划提供参考。
一、建言主题
重点围绕党的建设、生态空间布局、特色产业体系、城乡融合发展、社会民生事业、社会治理体系等方面提出建设性意见建议。
建言应突出重点,符合国家政策、法律和法规,文字流畅,题目、字数不限。
二、活动时间
2020年1214——20211月31日
三、参与方式
广大公众可以通过网站留言、信件、传真等方式参与林周县“十四五”规划编制建言献策,方式如下:
1.林周县人民政府(门户网站-政民互动-征集列表)
http://www.linzhouxian.gov.cn/lzxrmzf/wyzj/hd_myzj_input.shtml?id=88e6d01a8b9947d3b41f46d4ea8105d4  
2.通信地址:西藏自治区拉萨市林周县觉德岗路-林周县发展和改革委员会办公室(邮编:851600)
3.传真电话:0891-6122688

ལྷུན་གྲུབ་རྫོང་གི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་

བཟོ་འགོད་ཐད་ཐབས་འདོན་ཇུས་འདོན་གྱི་བྱེད་སྒོ་

སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

     

   “ལོ་ལྔ་ཚན་བཅུ་བཞི་པའི”རིང་(2021ལོ་ནས་2025ལོ་བར)ནི་ལྷུན་གྲུབ་རྫོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་།       ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་དུས་སྐབས་ཤིག་ཡིན་ལ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།     དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་འཐབ་ལམ་གསར་པར་སྐྱོད་པའི་འགག་རྩའི་དུས་སྐབས་ཤིག་དང་།    དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་གོ་སྐབས་ལྡན་པའི་དུས་སྐབས་ཤིག་ཀྱང་ཡིན།      ལོ་ལྔའི་འཆར་འགོད་བཟོ་འགོད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པ་དང་།      མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།         རྒྱ་ཆེའི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་འཇོག་གང་ལེགས་བྱས་ནས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་།       དམངས་ཀྱི་བློ་གྲོས་གཅིག་ཏུ་འདུས་ནས་དམངས་ཀྱི་འདོད་བློ་མཚོན་པ་བྱེད་ཆེད།     ད་ཐེངས་ཀྱི“ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་བཟོ་འགོད་ཐད་ཐབས་འདོན་ཇུས་འདོན་གྱི་བྱེད་སྒོ་འདི་སྤེལ་རྒྱུ་ཡིན་པས།     སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་ལྷུན་གྲུབ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་གནང་མཁན་དཔྱོད་ལྡན་མི་སྣ་རྣམས་ལྷག་བསམ་ཟོལ་མེད་ངང་གདན་ཞུ་བྱས་ཏེ་ལྷུན་གྲུབ་རྫོང་གིས་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཡག་པོ་བཟོ་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་ཐུབ་པ་ཞུ་རྒྱུ་ཡིན།     

  དང་པོ།    གྲོས་གཞི་འདོན་པའི་བརྗོད་གཞི།    

   གཙོ་བོ་ཏང་ལེགས་སྐྱོང་དང་།    སྣོད་བཅུད་སྐྱེ་ཁམས་ཀྱི་བཀོད་པ།    ཁྱད་ལྡན་ཐོན་ལས་མ་ལག      གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས།     སྤྱི་ཚོགས་ཀྱི་དམངས་འཚོའི་བྱ་གཞག       སྤྱི་ཚོགས་བཅོས་སྐྱོང་མ་ལག་སོགས་ཀྱི་ཐད་ལ་དམིགས་ནས་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་འདོན་རྒྱུ།   

གྲོས་འགོ་འདོན་སྐབས་གཙོ་གནད་འབུར་ཐོན་ཡོང་བ་དང་།  རྒྱལ་ཁབ་ཀྱི་སྲིད་ཇུས་དང་།   བཅའ་ཁྲིམས།     ཁྲིམས་སྲོལ་བཅས་ཀྱི་ནང་དོན་དང་མཐུན་ཞིང་ ཚིག་སྦྱོར་བདེ་པོ་ཡོད་དགོས་ལ།    ཁ་བྱང་དང་ཡིག་གྲངས་ཀྱི་ཚད་གཞི་མེད།       

གཉིས་པ།    བྱེད་སྒོ་སྤེལ་བའི་དུས་ཚོད།      

   2020ལོའི་ཟླ་12ཚེས་14ཉིན་ནས་2021ལོའི་ཟླ་1ཚེས་31ཉིན་བར་ཡིན།      

གསུམ་པ། བྱེད་སྒོའི་ནང་ཞུགས་ཐབས།    

  རྒྱ་ཆེའི་སྤྱི་དམངས་ཀྱིས་དྲ་ཚིགས་ཐོག་ལན་འཕྲིན་འཇོག་པ་དང་།    འཕྲིན་ཡིག་སྐུར་བ།     བརྙན་སྐྱེལ་སོགས་ཀྱི་བྱ་ཐབས་བརྒྱུད་ལྷུན་གྲུབ་རྫོང་གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ནང་ཞུགས་ནས་ཐབས་འདོན་ཇུས་འདོན་བྱས་ཆོག བྱེད་སྒོའི་ནང་ཞུགས་ཐབས་གཤམ་གསལ་ལྟར།

༡  ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་།  (དྲ་ཚིགས།     སྲིད་དམངས་མཉམ་འགུལ།      འཚོལ་བསྡུའི་རེའུ་མིག)           

http://www.linzhouxian.gov.cn/lzxrmzf/wyzj/hd_myzj_input.shtml?id=88e6d01a8b9947d3b41f46d4ea8105d4  


༢ འཕྲིན་གཏོང་ས་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་འཇོ་བདེ་སྒང་ལམ་ལྷུན་གྲུབ་ རྫོང་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་།    (སྦྲག་ཨང་། 851600)      

   ༣    བརྙན་སྐྱེལ་ཁ་པར།   0891-6122688

责任编辑:逄金鹏

扫一扫在手机打开当前页

相关新闻