首页 新闻中心 政务公开 政务服务 政民互动 走进林周
当前位置: 首页 / 政务公开 / 基础信息公开 / 通告公示

关于新冠肺炎疫情防控期间加强和规范街摊服务管理措施的公告

发布时间:2020-06-15 18:21
来源:拉萨市应对疫情工作领导小组办公室
访问量:
【打印文本】
分享到:

ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།   ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།   བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་ཀ་ཡག་པོ་བསྒྲུབ་ཆེད།    དམངས་འཚོ་སྔོན་དུ་འཇོག་པ་དང་།   གློད་སྡོམ་ཟུང་འབྲེལ།   གོ་རིམ་ལྡན་པ།   དམངས་ལ་སྟབས་བདེ་སྐྲུན་པ་ལས་སུན་པོ་མི་བཟོ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་།   ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཁྲོམ་འདོན་པའི་ཞབས་ཞུ་དོ་དམ་ཐད་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུའི་བྱ་ཐབས་སྐོར་ལ་ད་ལྟ་སྤྱི་བསྒྲགས་གཏོང་རྒྱུ་གཤམ་གསལ། 

དང་པོ།     བཟའ་བཏུང་རིགས་ཀྱི་ཁྲོམ་འདོན་པའི་ཞབས་ཞུ་ཚད་ལྡན་དུ་གཏོང་རྒྱུ།

ཁྲེང་ཀོན་ཆུད་བར་སྐོར་ཚོང་རའི་ལྷོ་སྒོ་ནས་ཤར་སྒོའི་བར་གྱི་ས་ཁོངས་སུ་བཟའ་བཏུང་རིགས་ཀྱི་ཁྲོམ་འདོན་དུ་འཇུག་རྒྱུ།    ཚོང་པས་ཁྲོམ་འདོན་ས་རང་དུ་ཉ་དང་བྱ་རིགས་གསོད་མི་ཆོག་ལ་བསྲེགས་ཟས་སོགས་ཀྱི་ཚོང་རྒྱག་མི་ཆོག

གཉིས་པ།   ཚོང་ཟོག་རིགས་ཀྱི་ཁྲོམ་འདོན་པའི་ཞབས་ཞུ་དོ་དམ་ཚད་ལྡན་དུ་གཏོང་རྒྱུ། 

ཁྲེང་ཀོན་ཆུད་བོད་སྐོར་དཀྱིལ་འཁོར་མདུན་དང་ཀུན་བདེ་གླིང་མཁའ་ཁྲོམ་ཐང་ཆེན།   སྣེའུ་ཁུལ་གསར་ཚ་སྒུར་ལམ་ཆེན་ཨའོ་ཐེ་ལའེ་སི་ཐང་ཆེན།    པེ་ཅིང་ལམ་ཆེན་དང་མིང་ཧྲི་ལམ་གྱི་ལམ་མདོ།   སྣེའུ་ཁྲོམ་ལམ་དོན་གཅོད་ཁང་གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་མདུན་དུ་ཚོང་ཟོག་ཆུང་རིགས་ཀྱི་ཁྲོམ་ཚད་ལྡན་བཙུགས་ནས་ཁྲོམ་ཐོག་ཏུ་ལས་སྣོན་མ་ཡིན་པའི་རིགས་ཀྱི་ཚོང་ཟོག་ཚོང་གཉེར་བྱ་རྒྱུ་དང་།   ཚོང་ཟོག་གི་སྤུས་ཚད་ངེས་པར་དུ་ཚད་གཞི་དང་མཐུན་པ་དགོས།

གསུམ་པ།   གོ་རིམ་ལྡན་པིའ་ངང་ནས་ཚོང་ཁང་གི་ཕྱིར་ཚོང་གཉེར་བྱེད་ཆོག

གཞུང་ལམ་འགྲིམ་འགྲུལ་ལ་སྐྱོན་མི་རྒྱག་པ་དང་མང་ཚོགས་ལ་སུན་པོ་མི་བཟོ་བའི་སྔོན་འགྲོའི་འོག   གྲོང་ཁྱེར་དོ་དམ་ཚན་པའི་ཆོག་མཆན་ཐོབ་པ་བརྒྱུད།    ཁྲོམ་ལམ་རྒྱུད་ཀྱི་ཚོང་པས་རྡོ་བཀྱག་གམ་ཚོང་ཁང་མདུན་གྱི་མི་འགྲོའི་ལམ་དུ་ཚོང་གཉེར་དང་ཚོང་སྐུལ་བྱེད་ཆོག    ཁྲོམ་ལམ་རྒྱུད་ཀྱི་ཟ་ཁང་གིས་ཚོང་ཁང་ཕྱིའི་མི་འགྲོའི་ལམ་དུ་སྒྲོག་ཙེ་རྐུབ་བཀྱག་བསྒྲིགས་ནས་ཚོང་གཉེར་བྱེད་ཆོག

བཞི་པ།   ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རིང་ཁྲོམ་འདོན་ཆོག་པའི་དུས་ཚོད།

ཁྲེང་ཀོན་ཆུད་བར་སྐོར་ཚོང་ར་དང་ཀུན་བདེ་གླིང་མཁའ་ཁྲོམ་ཐང་ཆེན་དུ་ཁྲོམ་བཏོན་ནས་ཚོང་གཉེར་བྱེད་ཆོག་པའི་དུས་ཚོད་ནི་ཉིན་ལྟར་ཆུ་ཚོད་༢༠:༠༠ནས་༢༤:༠༠བར་ཡིན།    དེ་མིན་གྱི་གཏན་འཁེལ་བྱས་པའི་ས་ཁོངས་སུ་ཁྲོམ་བཏོན་ནས་ཚོང་གཉེར་བྱེད་པའི་དུས་ཚོད་ནི་ལས་དུས་སུ་ཆུ་ཚོད་༢༠:༠༠ནས་༢༤:༠༠བར་དང་།    དུས་ཆེན་དང་ངལ་གསོའི་དུས་སུ་ཆུ་ཚོད་༡༦:༠༠ནས་༢༤:༠༠བར་ཡིན། 

ལྔ་པ།    ཚོང་གཉེར་ཚད་མཐུན་བྱེད་དགོས་པའི་བླང་བྱ།

༡.གཏན་འཁེལ་བྱས་པའི་ས་ཆ་མིན་སར་ཁྲོམ་འདོན་མི་ཆོག

༢.ལོང་བའི་འགྲོ་ལམ་དང་མེ་ཟོན་ལམ་བུ་བཟུང་ནས་ཁྲོམ་འདོན་མི་ཆོག

༣.ཤུགས་ཚད་ཆེ་བའི་སྒྲ་སྒམ་བེད་སྤྱོད་བྱས་ནས་ཚོང་སྐུལ་བྱེད་རིགས་མི་ཆོག

༤.ཤིང་ཏོག་གི་པགས་པ་དང་སྔོ་ཚལ་གྱི་ལོ་མ།   ཟས་ལྷག་སོགས་གད་སྙིགས་གང་བྱུང་གཡུག་མི་ཆོག   ཚོང་གཉེར་བྱེད་པའི་སྐབས་དང་ཚོང་གཉེར་བྱས་ཚར་རྗེས་ཁྲོམ་འདོན་མཁན་གྱིས་ས་ངོས་ཀྱི་གད་སྙིགས་གཙང་མ་ཕྱགས་ནས་ཁོར་ཡུག་གཙང་མ་ཡོང་བ་བྱེད་དགོས།

.བཙན་བཤེད་ཀྱིས་ཉོ་ཚོང་བྱེད་མི་ཆོག་ལ་རྗེས་འདེད་བཏང་ནས་ཚོང་གཉེར་བྱེད་མི་ཆོག

.ཚོང་ཟོག་རྫུན་མ་དང་དུས་ཚོད་ཡོལ་བ།    གསུམ་མེད་པའི་ཐོན་རྫས་བཅས་བཙོང་མི་ཆོག    ཆུ་ཐོན་ཟས་རིགས་དང་།  ཚག་ཤ་དང་ར་ལུག་གི་ཤ་སོས་པ།   སྨན་རྫས།    ཕྲུ་གུ་དམར་འབྱར་གྱི་འོ་རྩམ་བཅས་བཙོང་མི་ཆོག    ཁྲིམས་འགལ་ངང་དཔེ་སྐྲུན་བྱས་པའི་དངོས་རྫས་དང་གནོད་ལྡན་ཆ་འཕྲིན་རིགས་བཙོང་མི་ཆོག

.ཁྲོམ་འདོན་སྐབས་བར་ཐག་རྨིད་༡ཡན་འཇོག་དགོས་ལ་ཚོང་པས་ཁ་རས་རྒྱག་དགོས།

དྲུག་པ།    ཞབས་ཞུ་དོ་དམ་ལེགས་སུ་གཏོང་རྒྱུ།

(གཅིག)ཁོངས་གཏོགས་ཁྲོམ་ལམ་དོན་གཅོད་ཁང་གིས་སྣེ་ཁྲིད་ཚན་པ་བྱས་ཏེ།   ཁོངས་གཏོགས་ཀྱི་གྲོང་ཁྱེར་དོ་དམ་ཁྲིམས་སྐྱོང་དང་སྤྱི་བདེ།   ཁྲོམ་ར་ལྟ་སྡོམ།   འཕྲོད་བསྟེན་བདེ་ཐང་།   ཚོང་དོན།   རིག་གནས།   འཕྲལ་རྐྱེན་མྱུར་སེལ་དོ་དམ་སོགས་ཚན་པ་སྒྲིག་འཛུགས་ཀྱིས་ལས་ཀའི་འགན་འཁྲི་གཞིར་བཟུང་།   གཏན་འཁེལ་བྱས་པའི་ས་ཁོངས་སུ་ཞབས་ཞུའི་ས་ཚིགས་བཙུགས་ནས་ཁྲིད་སྟོན་དང་ཞབས་ཞུ།   དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས།   མཉམ་འབྲེལ་ཐོག་ཁྲོམ་ཡག་པོ་འདོན་པ་དང་།   གུས་ཞབས་ལྡན་པ།    ཉེན་ཁ་མེད་པ་བྱེད་དགོས་ལ་ཐོ་འགོད་ལས་དོན་ཡག་པོ་སྒྲུབ་དགོས།

(གཉིས)ཁྲོམ་འདོན་མཁན་གྱིས་སྲིད་གཞུང་གི་འབྲེལ་ཡོད་ཚན་པས་དོ་དམ་དང་ཁྲིད་སྟོན་བྱེད་པར་དང་ལེན་ཞུ་དགོས།    གཏན་འཁེལ་བྱས་པའི་ས་ཁོངས་སུ་ཚད་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ནས་ཚོང་གཉེར་བྱེད་དགོས་ལ་རང་མིང་ཐོ་འགོད་བྱེད་དགོས་པ་མ་ཟད།   ཁས་ལེན་ཡི་གེར་མིང་རྟགས་འགོད་དགོས། 

(གསུམ)ཁྲོམ་འདོན་མཁན་གྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་ལེན་ཞུ་དགོས་པ་དང་།   ཚོང་གཉེར་བྱེད་སྐབས་ངེས་པར་དུ་ཁ་རས་རྒྱག་དགོས་ལ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས།    བཟའ་བཏུང་རིགས་ཀྱི་ཚོང་པར་ངེས་པར་དུ་བདེ་ཐང་དཔང་ཡིག་ཡོད་དགོས།

རྫོང་ཆུད་ཁག་གིས་ལས་ཀའི་ཇུས་གཞི་འདི་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

དེ་དོན་སྤྱི་བསྒྲགས་འདི་ཆེད་དུ་བཏང་བ་ཡིན།

ལྷ་ས་གྲོང་ཁྱེར་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་

 ཚོགས་ཆུང་གཞུང་ལས་ཁང་གིས།

སྤྱི་ལོ་༢༠༢༠ལོའི་ཟླ་༦ཚེས་༡༣ཉིན།

为深入贯彻落实党中央、国务院和区党委政府统筹推进疫情防控和经济社会发展的决策部署,扎实做好“六稳”“六保”工作,按照民生优先、放管结合、规范有序和便民不扰民的原则,现就新冠肺炎疫情防控期间加强和规范街摊服务管理措施公告如下:

一、规范餐饮类摊点服务管理

城关区八廓商城南门到东门的区域内,开放餐饮类摊点。经营者不得在现场屠宰鱼禽动物,不得进行烧烤等经营活动。

二、规范商品类摊点服务管理

城关区藏游坛城前、功德林天街广场;柳梧新区察古大道奥特莱斯广场、北京大道与铭仕路交叉口、柳梧街道办事处便民服务大厅前规范设立“小商品街摊”,经营非现场加工类商品,商品质量必须符合相关质量标准。

三、允许有序店外经营

在不影响道路交通、不扰民的前提下,经城市管理部门批准,允许沿街商户利用台阶或店前人行道进行店外经营、店外促销,允许沿街餐饮店在店外人行道上摆放桌椅经营。

四、疫情防控期间街摊开放时间

城关区八廓商城功德林天街广场街摊经营时间为每日20:00-24:00。其他规定区域街摊经营时间为工作日20:00-24:00节假日16:00-24:00

五、规范经营要求

1.严禁在非划定区域摆摊设点、经营。

2.严禁占用盲道、消防通道摆摊设点。

3.严禁利用大功率音箱设备扰民促销。

4.严禁乱丢果皮、蔬菜叶、餐余等垃圾,经营期间和经营结束后,摊主自行清扫地面卫生,保持市容环境卫生整洁。

5.严禁强买强卖、尾随兜售。

6.严禁销售假冒伪劣、过期和“三无”产品,严禁销售水产类、生鲜牛羊肉、药品、婴幼儿奶粉,严禁出售各类非法出版物及有害信息。

7.街摊之间间距不低于1米,从业人员需佩戴口罩。

六、优化服务管理

(一)以属地街道办事处为牵头单位,组织属地内的城管执法、公安、市场监管、卫健、商务、文化、应急管理等部门按照工作职责,在划定区域现场设立服务点,加强引导、服务和管理,联合做好街摊规范、文明、安全经营工作,做好登记备案工作。

(二)街摊经营者要服从政府有关部门的管理和引导,在划定的区域内规范有序经营,进行实名登记,并签订《承诺书》。

(三)街摊经营者要服从疫情防控要求,在经营过程中必须佩戴口罩,做好疫情防控相关措施。餐饮类经营者必须拥有健康证明。

各县区参照此工作方案执行。

特此公告

拉萨市应对疫情工作领导小组办公室

2020613


责任编辑:逄金鹏

扫一扫在手机打开当前页

相关新闻